༈ ལྷ་མོ་དཀར་མོ་བདུད་རྩི་དཀར་པོས་གང་བའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་བྱ་རྣམས་ལ་དབང་བསྐུར་བས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བཤད་གཅི་དང་རྣག་ཁྲག་སྡིག་སྤྲུལ་ དང་སྦལ་ལྕོང། དུད་ཁུ་དང་སོལ་ཁུའི་རྣམ་པར་ནག་ཉིལ་ཉིལ་ཕྱིར་འཐོན་པར་བསམ་པ་ནི་མ་དག་པ་འཁྲུད་པའི་དམིགས་པའོ།། ༈ ལྟར་འཕྲོས་པ། བསྒྲུབ་བྱ་རྣམས་ཀྱི་བ་སྤུའི་སྒོ་ནས་ལུས་ནང་དུ་ཞུགས་པས། མ་རིག་པའི་མུན་པ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་གར་སོང་ཆ་མེད་དུ་སངས་ཀྱིས་ཡལ་བར་བསམ་པ་ནི་མ་ [065B] །ཡང་ཡི་གེ་རྣམས་ལས་བདུད་རྩི་དམར་སེར་གྱི་རྒྱུན་བྱུང་བས། བསྒྲུབ་བྱ་རྣམས་ཀྱི་ལུས་ཐམས་ཅད་གང། བདུད་རྩིའི་རྡུལ་ཕྲ་རབ་ཐམས་ཅད་རྗེ་བཙུན་འཇམ་དབྱངས་ཀྱི་ སྐུའི་རྣམ་པར་གསལ་བ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་ཆེ་བའི་མཁྱེན་རབ་རྣམས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུའི་རྣམ་པར་སྤྱན་དྲངས་ནས། ལུས་ནང་གི་འཇམ་དབྱངས་ རྣམས་ལ་ཐིམས་པའི་འོད་ཟེར་གྱིས་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་པ་ལ་རྨོངས་པའི་མུན་པ་ཐམས་ཅད་བསལ་ནས། བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་ རླབས་པོ་ཆེ་ཐོབ་པར་བསམ་པ་ནི་སྐུའི་སྒོ་ནས་ཤེས་རབ་ཆེ་བ་བསྒྲུབ་པའོ། །དེ་བཞིན་དུ་གསུང་ཨ་ར་པ་ཙའི་ཡིག་འབྲུའི་སྒོ་ནས་ཀུན་བྱང་གི་ཆ་ཤས་ཕྲ་མོ་རྣམས་ཀྱང་སོ་སོར་འབྱེད་ནུས་པའི་ཤེས་རབ་ གསལ་བ་དང། ཐུགས་ས་བོན་དྷཱི་ཡིག་གི་སྒོ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་བློ་རྣམས་མྱུར་དུ་འགོག་པའི་ཤེས་རབ་མྱུར་བ་དང། ཐུགས་ཕྱག་མཚན་གླེགས་རལ་གྱི་སྒོ་ནས་གསུང་རབ་ཀྱི་ཚིག་ དོན་ལ་ཐོགས་རྡུགས་དང་ཚད་བཟུང་མེད་པའི་ཤེས་རབ་ཟབ་པ་དང། གླེགས་བམ་གྱི་སྒོ་ནས་འཆད་པའི་ཤེས་རབ་དང། རལ་གྲིའི་འཁོར་ལོའི་སྒོ་ནས་རྩོད་པའི་ཤེས་རབ་དང། གླེགས་བམ་དང་རལ་གྲིའི་ [066A]༄༅། །འཁོར་ལོ་གཉིས་ཀའི་སྒོ་ནས་རྩོམ་པའི་ཤེས་རབ་བསྒྲུབ་པའི་ཚུལ་རྣམས་ཀྱང་ཤེས་པར་བྱའོ། །བཟླས་པའི་མཇུག་ཏུ། རང་ཉིད་དམ་ཚིག་སེམས་དཔའི་རྩ་ཞལ་གྱི་ལྕེ་སྟེང་དུ་དྷཱི་ཡིག་དམར་སེར་ མགོ་གྲེ་ཕུགས་སུ་བསྟན་ནས་ཉལ་སྟབས་སུ་གནས་པ་ཞིག་གསལ་བཏབ་སྟེ། དབུགས་ཐེངས་གཅིག་ལ་དྷཱི་བརྒྱ་རྩ་བརྒྱད་བཟླས་པས། དྷཱི་ཡིག་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ ཅད་ཀྱི་མི་བརྗེད་པའི་གཟུངས་སོགས་བྱིན་རླབས་ཐམས་ཅད་དྷཱི་ཡིག་དམར་སེར་འོད་ཟེར་འཕྲོ་བ་དང་བཅས་པའི་རྣམ་པར་བསྡུས་ནས་ལྕེ་སྟེང་གི་དྷཱི་ལ་ཐིམས་ཤིང་དྷཱི་ཡང་འོད་དུ་མེར་གྱིས་ཞུ་ནས། མཆིལ་མ་སྒྲ་ མེད་མིད་པ་དང་མཉམ་དུ་སྙིང་གའི་དྷཱི་ཡིག་དབུས་མ་ལ་ཐིམས་པས། མེ་ལྕེ་ལ་མར་ཁུ་བླུག་པ་ལྟར་འོད་ཟེར་ཆེར་འབར་ཐམས་ཅད་གང་ནས་བརྗེད་ངེས་དང་རྨོངས་པའི་མུན་པ་ཐམས་ཐམས་ཅད་བསལ་ཏེ། གསུང་ རབ་ཀྱི་ཚིག་དོན་མི་བརྗེད་པའི་གཟུངས་ཁྱད་པར་ཅན་ཐོབ་པའི་མོས་པ་བརྟན་པོ་བྱས་རྗེས་དྲག་པོའི་བཟླས་པ་ལ་འཇུག་གོ་